ཁྲི་རལ་པ་ཅན།
༨༠༽ ཆོས་བློན་བྲན་ཀ་དཔལ་ཡོན་གྱིས་སྤྲང་པོ་དེར། “ཁྱོད་ས་ཆ་གང་ནས་འོང༌། གང་དུ་འགྲོ་མཁན་ཡིན་ནམ།” ཞེས་དྲིས།
༨༡༽ ལེགས་སྡུག་བཙན་གྱིས། “ང་མ་སོང་བའི་ས་གཅིག་ཀྱང་མེད། རྒྱལ་ཁམས་ཚང་མ་བསྐོར་ནས་འགྲོ་མཁན་ཡིན། ཁྱོད་གང་དུ་འགྲོའམ་” ཞེས་དྲིས།
༨༢༽ ཆོས་བློན་གྱིས། བྱབྱང་ཡང་ཁྱོད་དང་འདྲ། ནམ་མཁའི་སྤྲིན་བཞིན་གར་འགྲོ་འདིར་འགྲོ་མེད།བྱབྱ ཅེས་བཤད་དེ་ཁོ་ལ་ཐུགས་སྣང་མ་གནང་བ་རེད།
༨༣༽ ལེགས་སྡུག་བཙན་གྱིས་ཞིབ་ལྟ་བྱས་པས། གདོང་དབྱིབས་བྲན་ཀ་དཔལ་དང་འདྲ་བར་མཐོང་ནས་དོགས་པ་ཟོས་ཏེ། བྱབྱཁྱོད་དབུས་ལ་སོང་ངམ། དེང་སང་བཙན་པོའི་སྲིད་ཅི་འདྲ་འདུགབྱབྱ ཅེས་དྲིས།
༨༤༽ ཆོས་བློན་གྱིས། “ང་དབུས་ནས་ཡོང་མ་ཐག་ཡིན། སྡིག་བློན་མང་པོས་སྲིད་འཕྲོག་རྩིས་བྱེད་ཀྱིན་འདུག ད་བོད་ཁམས་འཇིག་པའི་དུས་ལ་སླེབས་པ་འདྲ།” ཞེས་དབུ་གཡུག་གིན་དབུགས་རིང་ཤོར།